家长不让孩子上学,会承担什么法律后果?
ཁྱིམ་བདག་གིས་བྱིས་པ་སློབ་གྲྭར་མ་བཏང་ན་ཁྲིམས་ཀྱི་མཇུག་འབྲས་ཅི་ཞིག་འཁུར་དགོས།
01
一、适龄儿童、少年接受九年义务教育是法律赋予每个公民的基本权利。《中华人民共和国义务教育法》第二条规定,“国家实行九年义务教育制度。义务教育是国家统一实施的所有适龄儿童、少年必须接受的教育,是国家必须予以保障的公益性事业”。第四条规定,“凡具有中华人民共和国国籍的适龄儿童、少年,不分性别、民族、种族、家庭财产状况、宗教信仰等,依法享有平等接受义务教育的权利,并履行接受义务教育的义务”。
གཅིག སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་གྱིས་ལོ་དགུའི་འོས་འགན་སློབ་གསོ་དང་ལེན་བྱ་རྒྱུ་ནི་བཅའ་ཁྲིམས་ཀྱིས་སྤྱི་དམངས་ཚང་མར་སྤྲད་པའི་གཞི་རྩའི་ཁེ་དབང་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས》ཀྱི་དོན་ཚན་གཉིས་པར། རྒྱལ་ཁབ་ཀྱིས་ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་དགོས། འོས་འགན་སློབ་གསོའི་ལམ་ལུགས་ནི་རྒྱལ་ཁབ་ཀྱིས་གཅིག་གྱུར་གྱིས་ལག་བསྟར་བྱས་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ཚང་མས་ངེས་པར་དུ་དང་ལེན་བྱེད་དགོས་པའི་སློབ་གསོ་ཞིག་ཡིན་ལ། རྒྱལ་ཁབ་ཀྱིས་ངེས་པར་དུ་འགན་སྲུང་བྱེད་དགོས་པའི་སྤྱི་ཕན་རང་བཞིན་གྱི་བྱ་གཞག་ཅིག་ཀྱང་ཡིན་ཞེས་གཏན་འབེབས་བྱས་ཡོད། དོན་ཚན་བཞི་པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡོད་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ཚང་མར་ཕོ་མོ་དང་མི་རིགས། རིགས་རྒྱུད་། ཁྱིམ་ཚང་གི་འབྱོར་བ། ཆོས་ལུགས་དད་མོས་སོགས་ལ་མ་ལྟོས་པར་ཁྲིམས་ལྟར་འདྲ་མཉམ་གྱི་འོས་འགན་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་ཡོད་པ་མ་ཟད། འོས་འགན་སློབ་གསོ་དང་ལེན་བྱེད་པའི་འོས་འགན་ཡང་བསྒྲུབ་དགོས་ཞེས་གཏན་འབེབས་བྱས་ཡོད།
02
二、按时送适龄儿童、少年入学是每个父母(或监护人)应尽的义务。《中华人民共和国义务教育法》第五条规定,“适龄儿童、少年的父母或者其他法定监护人应当依法保证其按时入学接受并完成义务教育”。第十一条规定,“凡年满六周岁的儿童,其父母或者其他法定监护人应当送其入学接受并完成义务教育”。
གཉིས། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་དུས་ཐོག་ཏུ་སློབ་གྲྭར་སྐྱེལ་རྒྱུ་ནི་ཕ་མ་སོ་སོའམ་ལྟ་སྐྱོང་བྱེད་མཁན་གྱིས་སྒྲུབ་དགོས་པའི་འོས་འགན་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་པར། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་གྱི་ཕ་མ་དང་གཞན་པའི་ཁྲིམས་བཀོད་ལྟ་སྐྱོང་བྱེད་མཁན་གྱིས་ཁྲིམས་ལྟར་དུས་ཐོག་ཏུ་སློབ་གྲྭར་ཞུགས་ནས་འོས་འགན་སློབ་གསོ་དང་ལེན་དང་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས། དོན་ཚན་བཅུ་གཅིག་པར། ལོ་དྲུག་ལ་སོན་པའི་བྱིས་པ་ཡིན་ཕྱིན་དེའི་ཕ་མ་དང་གཞན་པའི་ཁྲིམས་བཀོད་ལྟ་སྐྱོང་བྱེད་མཁན་གྱིས་སློབ་གྲྭར་བསྐྱལ་ནས་འོས་འགན་སློབ་གསོ་དང་ལེན་དང་ལེགས་འགྲུབ་བྱ་དགོས་ཞེས་གཏན་འབེབས་བྱས་ཡོད།
03
三、每个父母(或监护人)拒不送子女接受九年义务教育,放任适龄儿童、少年辍学是违法行为,要追究父母(或监护人)相关法律责任。《中华人民共和国未成年人保护法》第十三条规定,“父母或者其他监护人应当尊重未成年人受教育的权利,必须使适龄未成年人依法入学接受并完成义务教育,不得使接受义务教育的未成年人辍学”。第五十条、五十一条规定,“公安机关、人民检察院、人民法院以及司法行政部门,应当依法履行职责,在司法活动中保护未成年人的合法权益。未成年人的合法权益受到侵害,依法向人民法院提起诉讼的,人民法院应当依法及时审理”。《中华人民共和国未成年人保护法》第五十三条规定,“父母或者其他监护人不履行监护职责或者侵害被监护的未成年人的合法权益,经教育不改的,人民法院可以根据有关人员或者有关单位的申请,撤销其监护人的资格,依法另行指定监护人。”第六十二条规定,“父母或者其他监护人不依法履行监护职责,或者侵害未成年人合法权益的,由其所在单位或者居民委员会、村民委员会予以劝诫、制止;构成违反治安管理行为的,由公安机关依法给予行政处罚。”
གསུམ། ཕ་མའམ་ལྟ་སྐྱོང་བྱེད་མཁན་སོ་སོས་བྱིས་པ་ལོ་དགུའི་འོས་འགན་སློབ་གསོ་དང་ལེན་ལ་མི་གཏོང་པ་དང་། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་རང་དགར་སློབ་ཤོར་ལ་གཏོང་བ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པས། ཕ་མའམ་ལྟ་སྐྱོང་བྱེད་མཁན་སོ་སོའི་འབྲེལ་ཡོད་ཀྱི་བཅའ་ཁྲིམས་འགན་འཁྲི་བདའ་འདེད་བྱེད་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་སྐྱེ་བོའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གསུམ་པར། ཕ་མ་དང་གཞན་པའི་ལྟ་སྐྱོང་བྱེད་མཁན་གྱིས་ནར་མ་སོན་པའི་སྐྱེ་བོ་རྣམས་ཀྱི་སློབ་གསོ་ཐོབ་པའི་ཁེ་དབང་ལ་བརྩི་འཇོག་དགོས་ཤིང་། ངེས་པར་དུ་སློབ་ལོ་རན་པའི་སྐྱེ་བོ་རྣམས་ཁྲིམས་ལྟར་སློབ་གྲྭར་ཞུགས་ནས་འོས་འགན་སློབ་གསོ་དང་ལེན་དང་ལེགས་འགྲུབ་བྱེད་དུ་འཇུག་དགོས་ལ། འོས་འགན་སློབ་གསོ་དང་ལེན་བྱེད་མཁན་སློབ་ཤོར་བྱེད་དུ་འཇུག་མི་ཆོག དོན་ཚན་ལྔ་བཅུ་པ་དང་ང་གཅིག་པར། སྤྱི་བདེ་ལས་ཁུངས་དང་མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། ཁྲིམས་འཛིན་བྱེད་སྒོའི་ནང་ནར་མ་སོན་པའི་སྐྱེ་བོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས་ལ། ནར་མ་སོན་པའི་སྐྱེ་བོའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ནས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ན། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་དུས་ཐོག་ཏུ་ཞིབ་གཅོད་བྱ་དགོས་ཞེས་གཏན་འབེབས་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་སྐྱེ་བོའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་ང་གསུམ་པར། ཕ་མ་དང་གཞན་པའི་ལྟ་སྐྱོང་བྱེད་མཁན་གྱིས་ལྟ་སྐྱོང་གི་འགན་འཁྲི་མ་བསྒྲུབས་པའམ་ལྟ་སྐྱོང་བྱ་ཡུལ་གྱི་ནར་མ་སོན་པའི་སྐྱེ་བོའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་ལ། སློབ་གསོ་བྱས་ནས་དག་བཅོས་མ་བྱས་ན། མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་མི་སྣ་དང་འབྲེལ་ཡོད་སྡེ་ཚན་གྱི་རེ་འདུན་གཞིར་བཟུང་སྟེ། ལྟ་སྐྱོང་བྱེད་མཁན་གྱི་ཐོབ་ཐང་ཕྱིར་འཐེན་བྱས་ཏེ་ཁྲིམས་ལྟར་ལྟ་སྐྱོང་བྱེད་མཁན་ལོགས་སུ་གཏན་འཁེལ་བྱས་ཆོག དོན་ཚན་རེ་གཉིས་པར། ཕ་མ་དང་གཞན་པའི་ལྟ་སྐྱོང་བྱེད་མཁན་གྱིས་ཁྲིམས་ལྟར་ལྟ་སྐྱོང་གི་འགན་འཁྲི་མ་བསྒྲུབས་པའམ་ནར་མ་སོན་པའི་སྐྱེ་བོའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ན། དེ་ཉིད་གནས་སའི་སྡེ་ཚན་ནམ་གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་བསླབ་བྱ་དང་བཀག་འགོག་བྱེད་དགོས། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་གྲུབ་རིགས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད།
04
四、通过胁迫或者诱骗等手段造成应当接受义务教育的适龄儿童、少年失学、辍学的,或非法招用应当接受义务教育的适龄儿童、少年的,是违法犯罪行为。《中华人民共和国义务教育法》第五十九条规定,“对有此类情形的,可依照有关法律、行政法规的规定予以处罚。”《教育行政处罚暂行实施办法》第十一条规定,“适龄儿童、少年的父母或监护人,未按法律规定送子女或被监护人就学接受义务教育的,城市由市、市辖区人民政府或其指定机构,农村由乡级人民政府,对经教育仍拒绝送子女或被监护人就学的,根据情节轻重,给予罚款的处罚。”
བཞི། བཙན་ཤེད་དམ་བསླུ་བྲིད་སོགས་ལ་བརྟེན་ནས་འོས་འགན་སློབ་གསོ་དང་ལེན་དགོས་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་སློབ་ཤོར་བྱས་པའམ་ཁྲིམས་འགལ་གྱིས་འོས་འགན་སློབ་གསོ་དང་ལེན་དགོས་པའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་བཀོལ་བསྡུ་བྱས་པ་ནི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས》ཀྱི་དོན་ཚན་ང་དགུ་པར། གནས་ཚུལ་དེ་རིགས་ཡོད་ན་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་བཅད་ཆོག 《སློབ་གསོའི་སྲིད་འཛིན་ཆད་གཅོད་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས》ཀྱི་དོན་ཚན་བཅུ་གཅིག་པར། སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་གྱི་ཕ་མ་དང་ལྟ་སྐྱོང་པས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། བྱིས་པའམ་ལྟ་སྐྱོང་བྱ་ཡུལ་སློབ་གྲྭར་འོས་འགན་སློབ་གསོ་དང་ལེན་ལ་མ་བཏང་ན། གྲོང་ཁྱེར་དུ་གྲོང་ཁྱེར་དང་གྲོང་ཁྱེར་ཁོངས་གཏོགས་ཁུལ་གྱི་མི་དམངས་སྲིད་གཞུང་ངམ་དེའི་དམིགས་བཙུགས་ལས་ཁུངས་དང་། གྲོང་གསེབ་ཏུ་ཡུལ་ཚོ་རིམ་པའི་མི་དམངས་སྲིད་གཞུང་གིས་སློབ་གསོ་བཏང་རྗེས་སྔར་བཞིན་བྱིས་པའམ་ལྟ་སྐྱོང་བྱ་ཡུལ་སློབ་གྲྭར་མ་བཏང་ན། གནས་ཚུལ་ལ་གཞིགས་ནས་དངུལ་ཆད་བཅད་ཆོག
我也说两句 |
版权声明: 1.依据《服务条款》,本网页发布的原创作品,版权归发布者(即注册用户)所有;本网页发布的转载作品,由发布者按照互联网精神进行分享,遵守相关法律法规,无商业获利行为,无版权纠纷。 2.本网页是第三方信息存储空间,阿酷公司是网络服务提供者,服务对象为注册用户。该项服务免费,阿酷公司不向注册用户收取任何费用。 名称:阿酷(北京)科技发展有限公司 联系人:李女士,QQ468780427 网络地址:www.arkoo.com 3.本网页参与各方的所有行为,完全遵守《信息网络传播权保护条例》。如有侵权行为,请权利人通知阿酷公司,阿酷公司将根据本条例第二十二条规定删除侵权作品。 |